ཁྲི་ལྡེ་གཙུག་བརྟན།
༣༥༽ དེ་ནས་འ་ཞ་ལ་དམག་དྲངས་ཏེ་ལས་སླ་བོར་ཕམ་ཉེས་བཏང༌། དུས་དེ་ནས་བཟུང་འ་ཞའི་ཡུལ་གྲུ་ཡོངས་རྫོགས་བོད་ཀྱི་མངའ་ཁོངས་སུ་བསྒྲིལ་ཏེ་དབང་དུ་བསྡུས།
༣༦༽ ཐང་ཀའོ་ཙུང་ཤིན་ཏུ་ཁྲོས་ཏེ། དམག་དཔོན་གྲགས་ཅན་ཞོས་རིན་ཀོས་དང༌། ཀའོ་ཏན་ཧཕུང་གཉིས་དམག་སྤྱིར་བསྐོས་ཏེ་རྒྱ་དམག་འབུམ་གཅིག་དང་བཅས་ཏཱ་ཧྥེ་ཁྲོན་དུ་བསྐྱོད་དགོས་པའི་བཀའ་ཡིག་ཕབ།
༣༧༽ ཞོས་རིན་ཀོས་ཀྱིས། དར་བུའུ་ཧེ་ཡི་ཕྱོགས་སུ་ལམ་ཐག་རིང་ཞིང་བོད་ཀྱི་དམག་དཔུང་བཙན་པས་དམག་གི་ཁལ་རྟ་རྣམས་བཞག་ནས་སོང་ན་བཟང་ཚུལ་བཤད་ཀྱང་ཀའོ་ཏན་ཧྥུང་གིས་མ་ཉན།
༣༨༽ དེ་ལྟར་ཁྲི་འབྲིང་གི་དམག་དཔུང་དང་དྲག་ཏུ་འཐབ་པ་ན། རྒྱ་དམག་ལ་ཕམ་ཉེས་ཆེན་པོ་བྱུང་སྟེ། ཁལ་རྟ་ཚང་མའང་བསྐྱུར་ནས་ཕྱིར་འབྲོ་དགོས་བྱུང༌།
༣༩༽ ཤིང་ཕག་(ཕྱི་ལོ་༦༧༥)ལོར་བཙན་པོའི་བཀས་བོད་བློན་ཏོ་རེ་འཕན་བུ་ཐང་གི་རྒྱལ་སར་ཐང་བོད་ཞི་འགྲིགས་ཡོང་བའི་ཕོ་ཉར་བཏང་ཡང༌། ཐང་ཀའོ་ཙུང་གིས་མ་གསན།